📑རེ་སྒུག་ལ་རྫོགས་མཐའ་མེད་པ། བརྩེ་དུངས་ཀྱི་དབང་གིས་ཡིན་ཡང་སྲིད། ངས་དེ་གསལ་བོ་མི་ཤེས་མོད། དུས་ད་ལྟའི་ནམ་ཟླ་ནི་མི་ཚོའི་དྲན་གདུང་ལ་གཤོག་པ་ཐོགས་ངེས་པའི་དུས་ཚིགས་ཤིག་ཡིན་ངེས་པ་ཚོར་འོང་གིན་འདུག མི་ཚེ་གོམ་གྱིས་གཞལ་བའི་དུས་ཚོད་འདིའི་ནང་། ཁྱོད་རང་ལ་མཚོན་ནའང་། སོ་སོའི་སེམས་སུ་ང་ལ་བརྗོད་རྒྱུར་ལུས་པའི་སྐད་ཆ་མང་པོ་ཞིག་ཡོད་ངེས་པ་ཚོར་གིན་འདུག
དྲང་མོ་བཤད་ན། དགུན་ཁ་བགྲང་མེད་ཞིག་འདས་རྗེས། ངས་ནང་སེམས་ཁ་བ་ལྟར་དཀར་བའི་དྭངས་གཙང་གི་ཁྱེད་ཚོ་དྲན་སྲིད་པ་ནི་བདེན་པར་འདུག
མ་གཞི་འུ་གཉིས་ཀའི་ཁ་འཆམ་གྲོས་འགྲིག་གསེར་གྱི་ནོར་བུ་དེ་ལ། ཁ་འཐོར་དཀྲུག་ཤིང་སྙིང་གི་རལ་གྲི་གཡུགས་མཁན་ནི་སུ་ཡིན་ན་ཡིན་དུ་ཆུགས་མོད། མ་གཞི་དེ་ཚོ་ལའང་ཡ་ང་སྙིང་རྗེ་ཞིག་ཁྱོན་ནས་མེད་པར། ཁ་སྣའི་བར་ནས་རྫུན་ལབ་ཅིང་། མཛུབ་གུའི་བར་ནས་རི་བཀབ་པར། སེམས་གཏིང་ནས་སྡང་སེམས་ཤིག་ཀྱང་བཅོས་མིན་དུ་སྐྱེས་འོང་གིན་འདུག དངོས་གནས་ཡིན། མ་གཞི་འུ་གཉིས་རྐྱེན་གྱིས་འགལ་བར་གྱུར་ཡང་། ལས་ཀྱིས་ཁ་ཁར་བཏང་ཡང་། ཕན་ཚུན་སེམས་པས་བརླན་ཏེ་བརྩེ་བ་རི་རབ་ཙམ་ཞིག་བྱུང་ལ། འུ་གཉིས་ཁོ་ནར་དབང་བའི་ཚེ་སྲོག་གི་སྔ་ཕྱི་དེའི་ཆེད་དུ། ཁྱོད་དགའ་ང་སྐྱིད་ཅིག་ཡོང་ན་དེ་ནི་ཅི་འདྲའི་གླེང་རིན་ཡོད་པའི་སྐད་ཆ་ཞིག་རེད་ཨང་།
ཟླ་བདུན་པར་ཉེ་བ། 📚
彭措书香
Drukmo_La
Phuntsokbar
来自雪山的小溪
དུས་ཐོགས་ཆར་བ་རེད་་་་![[good]](https://h5.sinaimg.cn/m/emoticon/icon/others/h_good-0c51afc69c.png)
Phuntsokbar
Phuntsokbar
ཡུན་རིང་ལ་དཔེ་ཤག་གི་ལེ་ཚན་འདི་སྤེལ་མ་ཐུབ་པར་དགོངས་དག་ཞུ། ཀུན་པོས་ཀྱང་རང་གི་བརྩེ་འཕྲིན་དང་སེམས་ཚོར་རེ་ཟུང་འདིར་སྤེལ་ཏེ་མཉམ་ཞུཊ་གནང་རོགས་ཞུ།👏
Phuntsokbar
དགུན་ཁ་གྲངས་མེད་༽ཅིག![[ok]](https://h5.sinaimg.cn/m/emoticon/icon/others/h_ok-2fdfaf8847.png)
忠慕道
Phuntsokbar
ChokaDrukgru
来自雪山的小溪
[咖啡][咖啡][咖啡]
来自雪山的小溪