悦读西藏 འགོ་ཁྲིད་ཞིག་གིས་ལྐོག་ངན་བླངས་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་བསགས་ཉེས་པའི་ཐོག་ནས་ཉེས་དོན་ཁྲིམས་འགལ་གྱི་འགན་འཁྲི་གཏན་འབེབས་བྱས།
反贪反腐反贪官!扫黑除恶打诈骗 ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུད་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཀྲའོ་ཐའོ་(ཐིང་རིམ་གཞོན་པ)ཡིས་ལྐོག་རྔན་བླངས་པའི་ཉེས་བསགས་དོགས་ཡོད་གྱོད་གཞིར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་དམིགས་བཙུགས་དོ་དམ་བྱ་ཡུལ་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཞིས་ཀ་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།
ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་ཞུ་སྦྱོར་ཕྱི་མ་ཀྲའོ་ཐའོ་ལ་ཁྲིམས་ལྟར་གཏུག་བཤེར་བྱེད་དབང་ཡོད་པ་གསལ་བཤད་བྱས་ཏེ། ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་པར་མ་ཟད་ཁོར་དག་འབུད་བྱེད་མཁན་གྱི་བསམ་འཆར་བསྡུ་ལེན་བྱས་པ་རེད། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་ཁྲིམས་སྦྱོར་བྱས་དོན། ཞུ་སྦྱོར་ཕྱི་མ་ཀྲའོ་ཐའོ་ཡིས་སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ལྷུན་གྲུབ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སོགས་གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ། མི་གཞན་ལ་ཁེ་ཕན་བསྒྲུབས་ནས་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པ་དང་། རྒྱུ་ནོར་གྱི་གྲངས་འབོར་ཧ་ཅང་ཆེན་པོ་ཡོད་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་བསགས་ཉེས་པའི་ཐོག་ནས་ཉེས་དོན་ཁྲིམས་འགལ་གྱི་འགན་འཁྲི་གཏན་འབེབས་བྱ་རྒྱུ་རེད།