འཛམ་གླིང་གློག་བར...

发布时间 :2023-12-28 17:53:21
འཛམ་གླིང་གློག་བརྙན་དུས་ཆེན་བསུ། ལུའུ་མེ་རེ་སྤུན་གཉིས་ཀྱིས་ལོ་དུ་མའི་རིང་ལ་དཀའ་སྤྱད་སྙིང་རུས་བྱས་མཐར། སྤྱི་ལོ་༡༨༩༥.ལོའི་ཟླ་༡༢.ཚེས་༢༨. ཉིན་དེར། ཧྥ་རན་སེའི་རྒྱལ་ས་པ་ལིའི་གྲོང་ཁྱེར་གྱི་ཁོ་ཧྥེ་ཁང་ཞིག་ཏུ་ཁོང་རྣམ་པ་གཉིས་ཀྱིས་ཐོག་དང་པོ་ཕབ་སྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་ཏེ། «མེ་འཁོར་ས་ཚིགས་སུ་སླེབས་པ»དང་«བཟོ་གྲྭའི་སྒོ་ཆེན»སོགས་གློག་བརྙན་ཐུང་ངུ་གཉིས་མང་ཚོགས་ལ་བསྟན་པ་ཡིན་ལ། འདིའི་ཉིན་ནི་མིའི་རིགས་ལ་ཤེས་རིག་གསར་བ་ཞིག་བྱུང་བའི་ཉིན་བཟང་ཞིག་སྟེ། དེ་ནི་འཛམ་གླིང་གི་ཆེས་ཐོག་མའི་གློག་བརྙན་འཁྲུངས་སྐར་ཡིན་པ་དང་། ཕྱིས་སུ་གློག་བརྙན་གྱི་ལོ་རྒྱུས་སྨྲ་བ་དག་གིས་གྲོས་ཁ་གཅིག་མཐུན་གྱིས་སྤྱི་ཟླ་༡༢.ཚེས.༢༨ཉིན་ནི་འཛམ་གླིང་གློག་བརྙན་གྱི་འཁྲུངས་སྐར་དུ་གཏན་ཁེལ། 万玛才旦 成都·宝光寺

热门评论

今日热门